11467

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བཅད
Tibetan Definition 1 གཞུང་གི་དོན་རྣམས་གོ་བདེ་བ་དང་མི་འཁྲུགས་པའི་ཕྱིར་ས་བཀྲའི་ཚུལ་དུ་བཀོད་པའི་གཞུང་གི་བསྡུས་དོན། སྒྲ་བཤད་ནི། ས་བཅད་ནི་ས་མཚམས་ཀྱི་མིང་ཡིན་པས། འདི་ནས་འདིའི་བར་ཞེས་གཞུང་སྔ་ཕྱིའི་ས་མཚམས་ལེགས་པར་བཅད་པའམ་ཕྱེད་ནས་སྟོན་པར་བྱེད་པས་ན་ས་བཅད་ཅེས་བྱའོ། །འགའ་ཞིག་གིས་ཁོས་རྟགས་གསལ་གཏོང་དུས་ས་བཅད་རྐྱང་རྐྱང་སྒྲིག་གི་འདུག་ཅེས་འཕྱ་སྨོད་བྱེད་མོད། དེ་ནི་ས་བཅད་ཀྱི་གནད་འགག་མ་ཤེས་པའི་རྟགས་རེད། གཞུང་གི་གནད་འགག་ཆ་ཚང་ས་བཅད་ནང་བསྡུས་ནས་བསྟན་ཡོད། གཞུང་དེ་ལ་ལྟག་འོག་གུང་བསྒྲིགས་པའི་གོ་བ་དཔྱིས་ཕྱིན་པ་ཞིག་མ་ལོན་ན་ས་བཅད་རྩོམ་སྒྲིག་བྱེད་མི་ཐུབ། དེར་བརྟེན་ས་བཅད་ནི་གཞུང་དོན་རྟོགས་པ་ལ་རྨད་དུ་བྱུང་བའི་ཐབས་ཤིག་ཏུ་སྣང་བས། བློ་གྲོས་དང་ལྡན་པ་རྣམས་ཀྱིས་འདི་ལ་བརྙས་པར་མི་བྱའོ། །ཁོ་བོ་ནི་གཞུང་དེ་ལ་གོ་བ་མ་ལོན་ན་ས་བཅད་ལ་ཡང་ཡང་སེམས་པར་བྱེད་དོ། །