11471

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བཅུ་པའི་མདོ
Tibetan Definition (དབུ་མ) མདོ་ཕལ་ཆེན་གྱི་ལེའུ་སོ་གཅིག་པ་ས་བཅུ་པའི་ལེའུ་ཟེར་བ་དེ་ཡིན་ནོ། །སྡེ་དགེ་བཀའ་འགྱུར་གྱི་མདོ་ཕལ་ཆེན་༼ ཁ་པ ༽༡༦༦ན༥ནས་མཇུག་༢༨༣ན༧ན་རྫོགས་སོ། །ཚལ་པ་བཀའ་འགྱུར་གྱི་ཕལ་ཆེན་གླེགས་བམ་༼ ག་པར ༽བཞུགས། ས་བཅུ་པའི་མདོ་ཞེས་པ་ལེའུ་ཞིག་ལས་མདོ་ལོགས་སུ་མེད་པས་དཀར་ཆག་ནང་རྙེད་དཀའ་ཙམ་ཡོད། ས་བཅུ་པའི་མདོའི་ལུང་གྲགས་ཅན། རྗེའི་དབུ་མ་དགོངས་པ་རབ་གསལ་སོགས་སུ་དྲངས་པ། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་དང་ལྡན། ཞེས་སོགས་ཀྱི་ལུང་འདི། གོང་དུ་བཤད་པའི་མདོ་ཕལ་ཆེན་༼ ཁ་པའི ༽༢༣༤ན༡ན་བཞུགས་སོ། །