11472

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བརྐོ་བའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་དོན་གསུམ་པ། ས་བརྐོ་བའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་འཇིག་རྟེན་ལ་གྲགས་པའི་ས་འཐས་པར་གནས་པ་སོར་བཞི་ཡན་ཆད་རང་ངམ་བསྐོས་པས་བརྐོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ས་བརྐོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྲོག་ཆགས་ལ་གནོད་པ་དང་། དོན་དང་བྱ་བ་མང་བ་དང་། གཞན་དག་མ་དད་པ་སྐྱེ་བའོ། །