11479

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བོན་དང་བག་ཆགས
Tibetan Definition བདེན་འཛིན་ལྟ་བུ་ལ་སྦྱར་ན། བདེན་འཛིན་ཕྱི་མ་སྐྱེད་བྱེད་ལ་ས་བོན་དང་དེའི་སྣང་བ་ཕྱི་མ་སྐྱེད་བྱེད་ལ་བག་ཆགས་ཟེར། བག་ཆགས། བག་ལ་ཉལ་བ། བག་ལ་ཞ་བ་རྣམས་མིང་གི་རྣམ་གྲངས་ཡིན། ཡང་ན་སྒམ་ནང་གི་ག་པུར་ལྟ་བུ་ས་བོན་དང༌། ག་པུར་དངོས་སུ་མེད་ཀྱང་དེའི་ཤུལ་དུ་ཆགས་པའི་དྲི་ནི་བག་ཆགས་དང་འདྲ་བ་ཡིན་ནོ། །