11493

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ར་ཧ
Tibetan Definition བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་གསང་སྔགས་ཀྱི་སློབ་དཔོན་དེའི་མིང་ངོ་། །ས་ར་ཧ་ཞེས་པ་བསྒྱུར་ན་མདའ་བསྣུན་ཞེས་པའི་དོན་ཡིན་པར་བུ་རིན་པོ་ཆེའི་གསང་འདུས་ཆོས་འབྱུང་ན་གསལ་ལོ། །དེ་ནི་དཔལ་ནཱ་ལེནྜའི་མཁས་པ་ཆེན་པོ་ཞིག་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་གྲུབ་ཆེན་དེ་ལས་གསང་བ་འདུས་པ་ལ་སོགས་པའི་གཞུང་གདམས་པ་དང་བཅས་པ་ཞུས་ཏེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ས་ར་ཧས་ཀླུ་སྒྲུབ་ལ་བཤད་ཅིང་། ཞེས་གསུངས་ཤིང་། སྐུ་ཚེའི་སྨད་ལ་གྲུབ་པ་ཐོབ་ནས་གྲུབ་ཆེན་ས་ར་ཧ་ཞེས་གྲགས་པར། བུ་སྟོན་རིན་པོ་ཆེའི་གསང་འདུས་ཆོས་འབྱུང་ན་གསལ་ལོ། །ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་༧༤ན་ཡང་འདི་སྐོར་གསལ། སྤྱིར་སྒྲ་གཅན་འཛིན་བཟང་པོ་སྔ་ཕྱི་བར་གསུམ་བྱུང་བས་འདི་ནི་དང་པོ་དེའོ། །ཏཱ་ར་ནཱ་ཐའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་༤ན༢ན་ཡང་གསལ་ལོ། །འདི་སྐོར་ཞིབ་པར་གོང་དུ་སྒྲ་གཅན་འཛིན་བཟང་པོ་ཞེས་པའི་ཐད་དུ་གཟིགས།