11497

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ལེ་སྦྲམ
Tibetan Definition <ཙ་མཱི་ཀ་ར> 1 གསེར་གྱི་མིང་། འདི་ལ་ལེགས་སྦྱར་དུ་ चामीकरं “ཙཱ་མཱི་ཀ་རཾ” ཟེར། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ན་ “ཙཱ་ལཱི་ཀ་རཾ” ཞེས་གསལ་བ་ཡི་གེ་དག་མིན་དཔྱད་དོ། །2 བཞུ་འདུལ་མི་དགོས་པར་གཏེར་ཁ་ནས་རང་བྱུང་དུ་རྡོག་རྡོག་རྙེད་རྒྱུ་ཡོད་པའི་སྤུས་ཚད་ཧ་ཅང་ལེགས་པའི་གསེར་ཞིག 3 འགའ་ཞིག་གིས་བྱེ་མ་ལས་ཐོན་པ་ལའང་ས་ལེ་སྦྲམ་དུ་ངོས་འཛིན་པའང་ཡོད། འོན་ཀྱང་ཀློང་རྡོལ་བླ་མའི་རིན་པོ་ཆེ་བརྟག་ཐབས་ལས། ས་ལས་ཐོན་པ་ཐིག་པོ་ཆེ་བྱུང་ན། །ས་ལེ་སྦྲམ་ཟེར་བྱེ་མ་གསེར་ལ་མིན། །ཞེས་གསུངས་ཀྱང་གསུངས་སོ། །