11510

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སག
Tibetan Definition 1 རེའུ་མིག་མང་པོ་གཤིབས་པ་ལྟ་བུའི་དབྱིབས་སམ་རི་མོའི་མིང༌། (སག་ཞྭ) ནི་རེའུ་མིག་ལྟ་བུའི་བུ་ག་མང་པོ་ཡོད་པའི་བསིལ་ཞྭའི་མིང༌། (ཉ་སག) ནི་ཉའི་ལུས་ཀྱི་རེའུ་མིག་ལྟ་བུའི་རི་མོའམ་སེན་མོའི་དབྱིབས་ཅན་གྱི་དངོས་རྫས་དེའི་མིང༌། (སག་ཉ) ནི་ལུས་ན་ཉ་སག་མང་པོ་ཡོད་པའི་ཉའི་རིགས་ཤིག་གི་མིང༌། (སག་ལྷམ) ནི་བུ་ག་མང་པོ་ཡོད་པའི་བསིལ་ལྷམ་གྱི་མིང༌། (སག་རི) ནི་ལུས་ལ་ཆགས་པའི་དྲེག་པའམ་པགས་ནད་དྲེག་པ་ལྟ་བུའི་རིགས་ཤིག