11523

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་ཞིང
Tibetan Definition སངས་རྒྱས་ཀྱིས་མཛད་པ་བཅུ་གཉིས་སྟོན་པའི་ཞིང་ལྟ་བུ་ལ། སངས་རྒྱས་ཀྱི་ཞིང་ཟེར། དཔེར་ན་རྒྱ་གར་འཕགས་པའི་ཡུལ་ལྟ་བུ། སངས་རྒྱས་ཀྱི་ཞིང་ཞེས་པ་དག་ཞིང་ལྟ་བུ་ཞིག་ལ་གོ་དགོས་པའི་ངེས་པ་མེད། དེ་ཡང་འཕགས་པ་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ཞེས་བྱ་བའི་མདོ་༼ ཇ་པ ༽༡༩༦ན་༣ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་འདས་པ་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་ཡོད་དེ། ཞེས་གསུངས་པ་ལྟར་རོ། །གོང་གི་ལུང་ལས “སངས་རྒྱས་ཀྱི་ཞིང་འདི་ནས” ཞེས་རྒྱ་གར་འཕགས་པའི་ཡུལ་དེ་སངས་རྒྱས་ཀྱི་ཞིང་ཡིན་པར་གསལ་བར་གསུངས་པའི་ཕྱིར་རོ། །