From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སད་དུས་ཀྱི་ལོངས་སྐུའི་བསྲེ་བ
|
Tibetan Definition
|
བསྲེ་བ་སྐོར་དགུའི་གཉིས་པ་དང་སད་དུས་ཀྱི་བསྲེ་བ་གསུམ་གྱིའང་གཉིས་པ་ནི། སད་དུས་ཀྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་ནི། གོང་དུ་བཤད་པ་ལྟར་གྱི་འོད་གསལ་ཆོས་སྐུ་དང་བསྲེ་བ་དེ་ལས་ལྡང་བར་རྩོམ་པ་ན་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་རྣམ་སྨིན་གྱི་ཕུང་པོ་ལས་ལོགས་སུ་ཕྱེ་སྟེ། གསང་འདུས་ཀྱི་སྐབས་ཡིན་ན། ལོངས་སྐུ་དང་པོའི་མགོན་པོ་དང༌། འཇིགས་བྱེད་ཀྱི་སྐབས་ཡིན་ན། རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པ་འཇའ་ཚོན་ལྟ་བུའི་སྐུར་སྐད་ཅིག་གིས་ལྡང་བ་ནི་སད་དུས་ཀྱི་སྒྱུ་མ་ལོངས་སྐུ་དང་བསྲེ་བ་ཡིན་ནོ། །
|