11557

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སམྱཀྶཾ་བུདྡྷ
Tibetan Definition (ལེགས་སྦྱར) ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ། སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག སྒྲ་སྦྱོར་བམ་གཉིས་ལས། སམྱཀྶཾ་བུདྡྷ་ཞེས་པ་ “སམྱཀ” ནི་ཡང་དག་པ། “སམ” ནི་ “སམནྟ” འམ། “སམ་པཱུརྞྞ” སྟེ་མ་ལུས་པའམ་རྫོགས་པ། “བུདྡྷ” ནི་སངས་རྒྱས་པ་ལ་བྱ་སྟེ། སྤྱིར་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མ་ནོར་བར་ཐུགས་སུ་ཆུད་ཅིང་མངོན་པར་བྱང་ཆུབ་པའི་མཚན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ། ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ཤེས་བྱའི་ཆོས་ཐམས་ཅད་ཡང་དག་པར་ཏེ་ཕྱིན་ཅི་མ་ལོག་པར་རྫོགས་པར་ཏེ་མཐའ་དག་པར་ཐུགས་སུ་ཆུད་པའི་ཕྱིར་དེ་སྐད་ཅེས་བྱའོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་ལ་གཞི་བྱས།