From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སཱ་ལ
|
Tibetan Definition
|
(ལེགས་སྦྱར) ཤིང་སཱ་ལ་སྟེ་སྤོས་དཀར་ཤིང༌། སྤོས་དཀར་འབྱུང་བའི་ཤིང་སྒྲོན་མེ་ཤིང་ངམ་ཐང་ཤིང་ཟེར་བ་དེ་ཡིན་པར། ཞྭ་སྒབ་པའི་རྒྱལ་རབས་སུ་གསལ། རྒྱ་གར་བས་སཱལ་Sal, Salwa, Sakhu, Sakher, Shal, Kandar and Sakwa བཅས་འབོད། ཕྱི་རྒྱལ་བས་Sal tree (Shorea Robusta) ཟེར། དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། སཱ་ལ་ནི་ཤིང་ཆེན་པོ་ཐོག་ཚད་མང་པོ་ཡོད་པ་ནགས་ཀྱི་དབུས་སུ་ལྷང་ངེར་གནས་པ་ཞིག་འདུག ཤིང་དེ་ནི་ཆེར་མང༌། ཤིང་གི་ནང་ན་མཐོ་ཤོས་འདི་ཡིན་འདུག་པས་བྲམ་ཟེའི་རིགས་སཱ་ལ་ལྟ་བུ་སོགས་བཤད་པ་ཡིན་འདུག མེ་ཏོག་དཀར་པོ་ཆགས། སྤོས་དཀར་ཤིང་དེ་ལས་འབྱུང༌། ཆུས་མི་རུལ་བ་སོགས་ཡོན་ཏན་མང༌། ཞེས་གསུངས་པ་ལྟར་རོ། །
|