11574

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སཱི་ཏཱ
Tibetan Definition (ལེགས་སྦྱར) 1 རོལ་རྙེད་མ་སྟེ་རཱ་མ་ཎའི་ཆུང་མའི་མིང༌། རྒྱ་གར་བས་སཱི་ཏཱ་ सीता ཟེར། 2 ཆུ་བོ་སཱི་ཏཱ། མདོ་དྲན་པ་ཉེར་གཞག་༼ ཤ་པ ༽༡༩༢ན༣ལས། ལྷའི་མིག་གིས་མཐོང་བར་གྱུར་པ་སཱི་ཏཱ་ཞེས་བྱ་བའི་ཆུ་བོ་ཡོད་པ་ནི་རྒྱར་ནི་དཔག་ཚད་བཅུ་ཡིན་ལ་རིང་བར་གྱུར་པའི་དངོས་པོར་ནི་དཔག་ཚད་སུམ་བརྒྱ་པ་ཡིན་ནོ། །ཞེས་སོགས་གསུངས་སོ། །ཆུ་ཀླུང་དེ་ལས་འདས་པར་གྱུར་པ་ན་འཛམ་བུ་གླིང་གི་ཕྲེང་བ་ཞེས་བྱ་བའི་གླིང་ཡོད་ཅིང་། གླིང་འདི་ནས་རི་རབ་ལྷུན་པོ་ཡང་ཧ་ཅང་རིང་བ་མ་ཡིན་ནོ། །ཞེས་མདོ་དེ་ཉིད་༡༩༢ན༧ན་གསུངས་སོ། །3 བྱེ་མ་ཀ་ར། 4 དཀར་མོ། 5 སྤོས་བྱེ་བྲག་པ་ཞིག་སོགས་ལ་འཇུག་པར་བཤད།