From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སིངྒ་ལ
|
Tibetan Definition
|
(ལེགས་སྦྱར) བོད་སྐད་དུ་བསྒྱུར་ན་སེངྒེ་འཛིན་ཞེས་བྱ། དེ་ལ་ལངྐ་ཞེས་ཡོངས་སུ་གྲགས། དེའི་འོག་ཏུ་སིངྒ་ལའམ་ཡོངས་གྲགས་སུ་སིཾཧལ་ཞེས་ཀུན་གྱིས་འབོད་པར་བཤད། མིང་གཞན་ཡང་ཙམར་དྭཱི་པ་བྱ་བ། ཁོང་ཅག་གི་རྒྱལ་རབས་ན་ཡང་མིང་དེ་གསལ་བར་བཤད། གཞན་ཡང་ཏཱམྲ་དྭཱི་པ་སྟེ་ཟངས་གླིང་ཡང་འདི་ལ་ཟེར། རང་རེའི་འདུལ་བའི་དཔེ་མེད་མའི་བྱུང་བའི་སྐབས་ན་ཡང་གསལ་ལ། ཁོང་དག་ལ་ཡང་རྒྱུས་འདུག་ཅེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སིངྒ་ལའི་ལོ་རྒྱུས་ན་གསལ། སིངྒ་ལ། ལངྐ༌། ཤྲཱི་ལངྐ༌། ཟངས་གླིང༌། ཙམར་དྭཱི་པ། ཏཱམྲདྭཱི་པ་ཞེས་བྱ་བ་རྣམས་མིང་གི་རྣམ་གྲངས་ཡིན། བཅོམ་ལྡན་འདས་ཀྱིས་སྔོན་བདུད་འབུམ་གཅིག་བཏུལ་བ་དང༌། ལངྐར་གཤེགས་པའི་མདོ་བྱ་བའི་ལངྐ་ཡང་འདི་རང་ཡིན། དེ་སྲིན་པོ་ལངྐ་མགྲིན་བཅུའི་ཡུལ་ཡིན་པ་ནི་རླུང་ལྟར་གྲགས།
|