11587

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སུ་ཏ་ས
Tibetan Definition སུ་དཱ་ས་ཞེས་པའི་ལེགས་སྦྱར་ཟུར་ཆག་པའོ། །དེ་ཡང་སུ་ནི་ལེགས་པ་དང་། དཱ་ས་ནི་བྲན་ནམ་འབངས་ཀྱི་མིང་ངོ་། །འབངས་སམ་བྲན་གཡོག་བཟང་པོ་ཞེས་པའི་དོན་ནོ། །རྒྱ་གར་ཡུལ་སྐད་ལའང་དཱ་ས་དང་དཱ་སི་ཞེས་པ་རིམ་བཞིན་བྲན་གཡོག་ཕོ་མོའི་མིང་ལ་ཤིན་ཏུ་གྲགས་ཆེའོ། །དབྱངས་ཅན་དགའ་བློས། སུ་ཏ་ས་ཞེས་པ་ནི། སུ་དཱ་ས་སྟེ་ལེགས་པའི་འབངས་སམ་བྲན་བཟང་ཞེས་པའོ། །ཞེས་གསུངས་པ་ལྟར་རོ། །རྗེའི་ལམ་རིམ་ཆེན་མོ་ལས། སྐྱེས་པའི་རབས་ལས། བདག་གི་སྤྱོད་པ་ངན་པའི་གཟུགས། །ཆོས་ཀྱི་མེ་ལོང་གསལ་མཐོང་ན། །ཡིད་ལ་གདུང་བ་རབ་སྐྱེས་ཏེ། །བདག་ནི་ཆོས་ལ་ཕྱོགས་པར་འགྱུར། །ཞེས་སུ་ཏ་སའི་བུས་རྒྱལ་སྲས་ཟླ་བ་ལ་ཆོས་སྟོན་པའི་ཕྱིར་ཞུས་པ་ན། བྱང་ཆུབ་སེམས་དཔས་དེའི་བསམ་པ་ཆོས་ཉན་པའི་སྣོད་དུ་གྱུར་པར་མཁྱེན་ནས་ཆོས་གསུངས་པ་ལྟར་རོ། །