11607

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སུམ་བརྒྱ་པ
Tibetan Definition 1 (འདུལ་བ) འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ཞེས་བྱ་བ་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད། བསྟན་འགྱུར་འདུལ་བའི་གླེགས་བམ་༼ ཤུ་པའི ༽ཤོག་གྲངས་༦༣ན༦ན་བཞུགས་སོ། །འདིའི་མཚན་དངོས་ལ་སུམ་བརྒྱ་པ་ཞེས་མེད་ཀྱང་ཕྱིས་དཀར་ཆག་རྣམས་སུ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་ཞེས་གསལ་ལོ། །འདི་ལ་ཤོ་ལོ་ཀ་སུམ་བརྒྱ་ཡོད་པས་ན་དེ་སྐད་ཅེས་བརྗོད་དོ། །འོན་ཀྱང་འདི་ལ་ཤོ་ལོ་ཀ་སུམ་བརྒྱ་ཚང་མ་ཚང་བརྟག་པར་འོས་སོ། །