1161

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞིའི་སྒྱུ་ལུས
Tibetan Definition ཐ་མལ་པའི་བར་དོ་ལ། གཞིའི་སྒྱུ་ལུས་ཟེར། རིམ་ལྔ་གསལ་སྒྲོན་ལས། འཆི་བའི་འོད་གསལ་གྱི་མཐར་ཕུང་པོ་རྙིང་པའི་ཁྲོད་ན་གནས་པའི་རླུང་སེམས་ཙམ་ལས་ལུས་རྙིང་པ་ལས་ལོགས་སུ་བྱེ་ནས་བར་དོའི་ལུས་གྲུབ་པ་ནི་སྒྱུ་ལུས་ཀྱི་རིམ་པ་སྟེ་གཞིའི་ལོངས་སྐུ་ཞེས་ཀྱང་བྱའོ། །ཐ་མལ་པའི་དབུགས་ཕྱི་ནང་དུ་འབྱུང་རྔུབ་བྱེད་པ་གཞིའི་རྡོར་བཟླས། (གཞིའི་རྡོར་བཟླས་ནང་། གཞིའི་ལུས་དབེན་དང་ངག་དབེན་གཉིས་བསྡུ་བར་སེམས) ཐ་མལ་པའི་སྣང་མཆེད་ཐོབ་གསུམ་གཞིའི་སེམས་དབེན། ཐ་མལ་པའི་འཆི་བ་འོད་གསལ་གཞིའི་འོད་གསལ། ཐ་མལ་པའི་བར་དོ་གཞིའི་སྒྱུ་ལུས་བཅས་ལྔའོ། །