11618

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེ་མོ་དོ
Tibetan Definition 1 ནུ་མ་སླེབས་ཙམ་དུ་འཕྱང་བའི་མུ་ཏིག་གི་འཕྲེང་བའི་མིང་། འདི་ལ་དོ་ཤལ་ཕྱེད་པ་ཡང་ཟེར། སེ་མོ་དོ་དང་དོ་ཤལ་གྱི་ཁྱད་པར་ནི། མུ་ཏིག་གི་འཕྲེང་བ་ནུ་མ་སླེབས་ཙམ་དུ་འཕྱང་བ་ནི་སེ་མོ་དོ་དང་། ལྟེ་བ་སླེབས་ཙམ་དུ་འཕྱང་བ་ནི་དོ་ཤལ་ལོ། །དོ་ཤལ་ཕྱེད་ལ་སེ་མོ་དོ་ཞེས་བྱ་སྟེ། འདུལ་བ་གཞིི་རྒྱ་ཆེར་འགྲེལ་ལས། སེ་མོ་དོ་ཞེས་བྱ་བ་ནི་མུ་ཏིག་གི་དོ་ཤལ་ཕྱེད་ནུ་མ་དག་གི་སྟེང་ན་གནས་པའོ། །ཞེས་གསུངས་པ་ལྟར་རོ། །དེས་ན་དེ་གཉིས་ནི་རིང་ཐུང་གི་ཁྱད་པར་ཙམ་མོ། །འདུལ་བ་རྣམ་འབྱེད་འགྲེལ། ལུང་ཕྲན་ཚེགས་འགྲེལ། ལུང་གཞིའི་འགྲེལ་པ། མཚོ་ཊཱིཀ་སོགས་རྒྱ་བོད་ཀྱི་གཞུང་མང་པོར་ལེགས་པར་བརྟགས་ཏེ་བཀོད་དོ། །བོད་རྒྱ་ཚིག་མཛོད་ཆེན་མོར། སེ་མོ་དོའི་འགྲེལ་བཤད་ལ་དོ་ཤལ་ཞེས་གསུངས་འདུག་པ་ལ་དག་བཅོས་དགོས་ཏེ། སེ་མོ་དོ་དང་དོ་ཤལ་ཕྱེད་པ་དོན་གཅིག་ཡིན་ལ། དོ་ཤལ་དང་དོ་ཤལ་ཕྱེད་པ་གཉིས་ལ་ནི་རིང་ཐུང་གི་ཁྱད་པར་ཡོད་པར་གོང་དུ་བཤད་པ་ལྟར་ཡིན་པས་ཁྱད་པར་ཕྱེད་པར་བྱའོ། །