11621

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེ་ར་པཎྜི་ཏ་བློ་བཟང་སྦྱིན་པ
Tibetan Definition འདི་འཁྲུངས་ཡུལ་མཛོ་མོ་མཁར། སེ་ར་ཏཱ་དབེན་ཁམས་ཚན་དུ་སློབ་གཉེར་མཛད། རྒྱལ་པོ་ལྷ་བཟང་གི་བླ་མཆོད་རྩིས་ཆེ་ཤོས་ཡིན། ཉང་བྲན་གྱི་གདུགས་རིའི་ཡུ་བའི་སྟེང་དུ་རི་ཁྲོད་བཀྲ་ཤིས་ཆོས་གླིང་བཏབ་པར་ད་ལྟ་གདུགས་ཡུ་དགོན་ཟེར། ཏཱ་དབེན་ཁམས་ཚན་དུ་འཇམ་དབྱངས་གསེར་སྐུ་བཞེངས། པྲ་ཏི་དགེ་བཤེས་ཀྱི་མཁན་པོ་དང་རྩ་བའི་བླ་མ་ཡིན། ཀུན་མཁྱེན་གོང་མ་དགེ་འཕེལ་དུ་བཞུགས་དུས་ཆོས་བཀའ་མང་དུ་གསན་ཞིང་དགེ་ཕྲུག་གི་ཚུལ་ལྟ་བུ་ཡོད་པས་ཉིན་གཅིག་སེར་བྱེས་མཁན་པོ་ཨེ་འོང་གི་ཐུགས་བརྟག་ཞུར་ཕེབས་པར་དྲུག་ཅུ་མ་ཞིག་བཟོས་ལ་ཁྱེར་ཤོག་གསུངས། འཕྲལ་དུ་བཟོས་ཏེ་ཕུལ་བར། སྒུར་ཅིག་གསུངས་ཏེ་དྲུག་ཅུ་མ་སོག་བྲག་ཏུ་བརྡབས། ད་སོང་གསུང་ཕེབས་པས་ཇུང་གར་བོད་དུ་འོང་དུས་ཉེན་མ་བྱུང་བར་གསང་སྟབས་ཀྱིས་མདོ་སྨད་དུ་ཕེབས་ཐུབ་པ་བྱུང༌། ཅོ་ནེ་དཔོན་གྱིས་བཀུར་ཏེ་ཀླུ་རི་བྲག་མགོར་གཟིགས་ཁང་ཕུག་སྟེ་ཡུན་རིང་བཞུགས། ཕྱིས་སུ་རང་ཡུལ་དུ་ཕེབས། དེའི་སྤྲུལ་སྐུ་ཉན་ཚ་ཚང་དུ་གྲགས་པ་ངག་དབང་བསྟན་པའི་རྒྱལ་མཚན་ཨོར་དུ་སུའི་ཕྱོགས་སུ་འཁྲུངས། གོང་ནས་ཨེརྟི་ནི་པཎྜི་ཏ་ཧུ་ཐོག་ཐུ་ཞེས་པའི་ཆོ་ལོ་གནང༌། དགོན་འདིའི་ཁྲིར་བཞུགས། ཞེས་སོགས་མདོ་སྨད་ཆོས་འབྱུང་ན་འབྱུང་བ་ལྟར་བཀོད།