11627

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས
Tibetan Definition ༡ སེང་ལྡེང་ནགས་ཀྱི་སྒྲོལ་མ་ཞེས་བྱ་བའི་སྒྲུབ་ཐབས། སངས་རྒྱས་ཉིད་ཀྱིས་མཛད། བསྟན་འགྱུར་རྒྱུད་འགྲེལ་༼ མུ ༽༢༨ན་༣ན་བཞུགས། ༢ འཕགས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། ཡང་སངས་རྒྱས་ཉིད་ཀྱིས་མཛད། བསྟན་འགྱུར་རྒྱུད་འགྲེལ་༼ མུ ༽༡༣༡བ་༣བཞུགས། (གོང་གི་སྒྲུབ་ཐབས་གཉིས་པོ་སངས་རྒྱས་ཀྱིས་གསུང་ཡིན་ན། དེ་གཉིས་བསྟན་འགྱུར་གྲས་སུ་མ་བཞག་པ་ཅི་ཡིན་ནམ་སྙམ) ༣ སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད། བསྟན་འགྱུར་རྒྱུད་འགྲེལ་༼ མུ ༽༢༦༧བ༣ན་བཞུགས། སྒྲ་བཤད་ནི། སྒྲོལ་མ་འདི་ལ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ཞེས་བརྗོད་པའི་རྒྱུ་མཚན་ནི། སེང་ལྡེང་གི་ནགས་དང་ཁ་དོག་འདྲ་བའི་ཆ་ནས་མིན་པར། སེང་ལྡེང་གི་ནགས་སུ་སེམས་ཅན་སྣ་ཚོགས་པའི་དོན་བྱེད་པའི་ཆ་ནས་ཡིན་ཏེ། སེང་ལྡེང་ནགས་ཀྱི་སྒྲོལ་མ་ཞེས་བྱ་བའི་སྒྲུབ་ཐབས། སངས་རྒྱས་ཉིད་ཀྱིས་མཛད། བསྟན་འགྱུར་རྒྱུད་འགྲེལ་༼ མུ ༽༢༨ན་༥ལས། སེང་ལྡེང་གི་ནགས་སུ་སྣ་ཚོགས་པའི་སེམས་ཅན་གྱི་དོན་བྱེད་པར་བསམས་ལ། ཞེས་གསུངས་པ་ལྟར་རོ། །དེ་ལ་བོད་འགྲེལ་ནི་ཤིན་ཏུ་མང་ངོ་། །