11628

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེངྒེ་དཀར་པོ
Tibetan Definition གངས་སེང༌། བོད་ཀྱི་གངས་རི་མཐོན་པོ་འགའ་ཞིག་ནང་སེངྒེ་དཀར་པོ། རལ་པ་སྔོན་པོ་ཅན་ཡོད་ཚུལ་བརྗོད་སྲོལ་ཡོད། མཐོང་མྱོང་བ་ནི་ངག་དབང་ཆོས་གྲགས་རྒྱ་མཚོའམ། རིན་ཆེན་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར། གཏམ་སྙན་ལྷའི་ཏམྦུ་རའི་རྒྱུད་ཀྱི་སྒྲ་དབྱངས་ཤོག་གྲངས་༣༤བ༤ནང༌། རྗེ་འདི་འོ་དེ་གུང་རྒྱལ་གྱི་གངས་རིའི་རྩེར་ཕེབས་སྐབས་ཁྱི་རྗེས་འདྲ་བ་ཞིག་མཐོང༌། རྗེས་དེད་དེ་ཕྱིན་པས། སྐབས་ཤིག་རྒྱང་ནས་ར་ཕོ་སྔོན་པོ་འདྲ་བ་ཞིག་མཐོང༌། ཉེ་བར་སླེབས་པ་ན་སེངྒེ་རལ་པ་ཅན་ཞིག་འདུག་ཅེས་གསལ། གཞན་ཡང་བླ་མ་དང་གྲུབ་ཐོབ་འགའ་ཤས་ལ་མི་མ་ཡིན་གྱིས་སེངྒེའི་འོ་མ་ཡིན་ཞེས་ཕུལ་ཏེ་རིན་ཆེན་རིལ་བུ་དང༌། བྱིན་རྟེན་ཁག་ནང་ཕབ་རྒྱུན་བཞུགས་པའི་ལོ་རྒྱུས་མང་པོ་ཡོད། ཅེས་ཞྭ་སྒབ་པའི་རྒྱལ་རབས་ན་གསལ།