11633

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེངྒེ་རྐང་པ་བརྒྱད་པ
Tibetan Definition <ཤརབྷ> 1 ཁྱུང་སེང་འདུས་པ་སྟེ། སེངྒེའི་མགོ་བོ་ལ་ཁྱུང་གི་མཆུ་ཅན་གྱི་སྲོག་ཆགས་ཤིག སེངྒེ་སྦར་མོ་བཞི་དང༌། ཁྱུང་གཤོག་གཉིས། སྡེར་མོ་གཉིས་དང་བརྒྱད་ཡིན་ལ། ཞེས་མཁས་པ་འགའ་ཞིག་བཞེད། 2 རྐང་ལག་བཞི་དང༌། གཡས་གཡོན་དུ་གཤོག་པ་གཉིས་གཉིས་ཏེ་བརྒྱད་ཡོད་པའི་སྲོག་ཆགས་ཤིག དེ་རྣམས་ཀྱིས་འགྲོ་བའི་བྱ་བ་བྱེད་པས་རྐང་པ་དང་འདྲ་བས་རྐང་པ་ཞེས་བཏགས་སོ། །དེ་ལ་སེངྒེ་ཤ་ར་བྷ་ཞེས་ཀྱང་ཟེར། དེ་ལ་སྔ་མ་མང་པོས། སེངྒེ་གཅིག་ལ་རྐང་པ་བརྒྱད་ཡོད་པ་བྲིས་པ་ནི་ནོར་བ་ཡིན་པར་དངུལ་ཆུས་གསུངས་སོ། །