11635

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེངྒེ༌
Tibetan Definition 1 རི་དྭགས་ཀྱི་རྒྱལ་པོ། འདམ་སེང༌། ལེགས་སྦྱར་གྱི་ “སིཾཧ” ཞེས་པ་ཟུར་ཉམས་པ་ཡིན་ནམ་སྙམ་སྟེ། བརྩེགས་མའི་ཡི་གེའི་རིགས་འདི་ལེགས་སྦྱར་ལ་མ་གཏོགས་སྐད་གསར་བཅད་ལ་མང་པོ་མི་འབྱུང་བ་དེས་ཀྱང་ཤེས་ནུས་ཤིང༌། པདྨ་ཞེས་པའང་བོད་པས་བརྗོད་ཚེ་སྒྲ་གདངས་ཅུང་ཟད་ཉམས་པ་ཙམ་ལས་དོན་ལ་ལེགས་སྦྱར་རང་ཡིན་པ་ལྟ་བུའོ། །ཡང་ཡིག་རྙིང་གི་རིགས་ལ་བརྩེགས་མའི་ཡི་གེ་འདི་རིགས་མང་ཙམ་སྣང་སྟེ། རྣཾས་སོགས་སོ། །