11637

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེངྒེའི་ཉལ་སྟབས
Tibetan Definition སེངྒེའི་ཉལ་སྟངས་ཏེ། ལུས་པོའི་གཞོགས་གཡས་པ་ས་ལ་ཕབ་སྟེ་རྐང་པ་གཡོན་པ་གཡས་པའི་སྟེང་དུ་བཞག་ཅིང་ལག་གཡས་འགྲམ་པར་གཏད་དེ་ཉལ་ཚུལ་ཞིག སེངྒེ་ཉལ་བའི་ཚེ་གློ་གཡས་ས་ཕབ་ནས་ཉལ་བས་ན་མིང་དེ་ལྟར་བཏགས་པ་ཡིན། ཉལ་ཚུལ་འདི་ལ་ཁྱད་ཆོས་འདི་ལྟར་ཡོད་དེ། རི་དྭགས་ཀྱི་རྒྱལ་པོ་སེངྒེ་དེ་སྲོག་ཆགས་གཞན་གང་ལའང་འཇིགས་པ་མེད་པར་བློ་བདེ་བག་ཕེབས་ཀྱི་ངང་ནས་ཉལ་བ་ལྟར། བདུད་དང་བདུད་རིགས་སོགས་ཀྱི་བར་གཅོད་ཀྱིས་མི་ཚུགས་པའི་དགོས་པ་དང་རྟེན་འབྲེལ་ཡོད། གཞན་ཡང་ཉལ་ཚུལ་འདི་ལྟར་ཉལ་ན་གྲིབ་གནོན་སོགས་ཀྱང་མི་འབྱུང་བའི་དགོས་པ་ཡོད་དོ། །