11639

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེངྒེའི་སྒྲ་བསྒྲགས་པ
Tibetan Definition (འདུལ་བ) བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ཀྱི་གསུང་ལས་ཁམས་གསུམ་གྱི་བདུད་དང་ལོག་པར་ལྟ་བ་དང་སྨྲ་བ་ངན་པ་ཐམས་ཅད་ཟིལ་གྱིས་གནོན་པའི་དོན་ནོ། །སོ་སོར་ཐར་པའི་མདོའི་འགྲེལ་པ་༦ན༣ལས། སེངྒེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ནི་དཔེ་སྟེ། ཇི་ལྟར་སེངྒེའི་སྒྲས་བྱོལ་སོང་ཐམས་ཅད་ཟིལ་གྱིས་གནོན་པ་དང་འདྲ་བར། དེ་བཞིན་གཤེགས་པ་ཡང་མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པས། ཁམས་གསུམ་ན་བག་རྐྱོང་ཞིང་བདུད་དང་ལོག་པར་ལྟ་བ་ཐམས་ཅད་ཟིལ་གྱིས་མནན་ཏེ། དམ་པའི་ཆོས་སྟོན་ཅིང་གཞན་གྱི་དོན་མཛད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །