11660

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཁོང་དུ་ཆུད
Tibetan Definition མྱ་ངན་བྱེད་པ། སེམས་ཞུམ་པ། སེམས་མི་དགའ་བར་གྱུར་པའམ་མྱ་ངན་བྱེད་པ་བཅས་ཀྱི་དོན། ཚོམས་༢༥ལས། དཔེར་ན་བྱིས་པའི་ཤིང་རྟ་དག །ལམ་ཆེན་བཟང་པོ་བོར་ནས་སུ། །ལན་ངན་དག་ཏུ་འགྲོ་བྱེད་པས། །མིག་ཆག་སེམས་ཁོང་ཆུད་པ་ལྟར། །ཞེས་གསུངས་སོ། །དེའི་ཐད་ཀྱི་ཚོམས་འགྲེལ་༼ ཏུ ༽༡༩༡ན༡ལས། ཁོང་དུ་ཆུད་པ་ཞེས་བྱ་བ་ནི་མྱ་ངན་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །མངོན་བརྗོད་མཁས་པའི་རྣ་རྒྱན་༡༤༩ལས། སེམས་སྡུག་སེམས་གཡེངས་སེམས་ཁོང་ཆུད། །ཡིད་ནང་ཆུད་དང་ཡིད་མི་བདེ། །སྡུག་དང་སྡུག་བསྔལ་རབ་ཏུ་ཚ། །ཡིད་གདུངས་མྱ་ངན་གདུང་བའོ། །ཞེས་གསུངས་པ་ལྟར་རོ། །