11666

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ངོ་འཕྲོད་པ
Tibetan Definition (བཀའ་བརྒྱུད) སེམས་ཀྱི་ངོ་བོ་གང་གིས་ཀྱང་མ་བསྒྲིབས་པ། རྩིག་ངོས་ཀྱི་རྡུལ་ཕྲ་རབ་ཚུན་ཆད་ཀྱང་འཆར་བའི་ཚོད་ལྟ་བུའི་དྭངས་ཤིང་གསལ་ལ། ཡུལ་གྱི་རྣམ་པ་འདི་འཆར་ལ་འདི་མི་འཆར་བྱ་བ་མེད་པར་སྣ་ཚོགས་སུ་འཆར་བའི་ཧྲིག་གི་བ། དབྱིབས་དང་ཁ་དོག་ལ་སོགས་པའི་དབྱིབས་གཟུགས་ཅན་གང་དུའང་མ་གྲུབ་པའི་སྟོང་སང་ངོས་བཟུང་མེད་པ་ལྟ་བུ་མངོན་སུམ་དུ་མཐོང་བ་ནི། སེམས་ངོ་འཕྲོད་པ་དང་། སེམས་ཀྱི་ཆོས་ཉིད་མཐོང་བ་ཡིན་པས། འདི་ནི་དཔེར་ན་གཞན་ལ་ཟན་ཆང་སྟེར་བ་བཞིན་དུ་སངས་རྒྱས་ཀྱི་གོ་འཕང་སྦར་བཅངས་སུ་གཏོད་པའི་གདམས་པ་བླ་ན་མེད་པ་ཡིན་ཞེས་ཟེར། (དགེ་ལུགས) དགེ་ལྡན་པས་ཕྱག་རྒྱ་བས་ (ཕྱག་རྒྱ་བ་ཞེས་པ་བཀའ་བརྒྱུད་པའི་མཚན་གྱི་རྣམ་གྲངས་རེད) སེམས་ངོ་འཕྲོད་པའམ་མཐོང་ཞེས་པ་དེ། སེམས་ཀྱི་ཀུན་རྫོབ་པའི་ངོ་བོ་ཙམ་ཞིག་མཐོང་བ་ཡིན་གྱི་གནས་ལུགས་མཐོང་བ་མིན་ཞེས་བཤད་པའང་ཡོད་དེ། རྗེ་གུང་ཐང་པའི་ཕྱག་ཆེན་གྱི་ཁྲིད་ཡིག་ལས། རང་ལུགས་ལ། དེས་སེམས་ཀྱི་ཀུན་རྫོབ་པའི་ངོ་བོ་ཙམ་ཞིག་མཐོང་བ་དང་། སེམས་གནས་སྒྲུབ་པའི་ཐབས་ཙམ་ཞིག་ཡིན་ལ། ཞེས་སོགས་གསུངས།