11679

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཅན་དུ་སྟོན་པ
Tibetan Definition (མཛོད) 1 སེམས་ཅན། མཆིམས་མཛོད་ལས། གཞི་སེམས་ཅན་དུ་སྟོན་པ་དང་མི་སྟོན་པ་ (གཞི་སེམས་ཅན་དང་སེམས་ཅན་མ་ཡིན་པ) ཞེས་པ་ལྟ་བུ། 2 སེམས་རྒྱུད་ཀྱིས་བསྡུས་པ། དཔེར་ན་རྒྱུད་ཀྱིས་བསྡུས་པའི་སྒྲ་ལ། སེམས་ཅན་དུ་སྟོན་པའི་སྒྲ་ཞེས་པ་ལྟ་བུ། སྒྲ་བཤད་ནི། བཅོམ་ལྡན་འདས་ཀྱིས་འདི་ནི་སེམས་ཅན་ཅན་ནོ་ (འདི་ལ་གནོད་པ་བྱས་ན་མི་རུང) ཞེས་ཁ་ཚོན་བཅད་ནས་ལུང་བསྟན་པས་ན་སེམས་ཅན་དུ་སྟོན་པ་ཞེས་བྱའོ། །ཡང་ན་སེམས་ཅན་གྱི་གྲངས་སུ་བགྲང་བས་ན་སེམས་ཅན་དུ་སྟོན་པ་ཞེས་བྱའོ། །མཆིམས་མཛོད་༣༧༡ན་གཟིགས།