11680

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཅན་དུ་སྟོན་པའི་སྒྲ
Tibetan Definition 1 ཤེས་རྒྱུད་ཀྱིས་བསྡུས་པའི་སྒྲ། སྒྲ་བཤད་ནི། སེམས་ཅན་དུ་སྟོན་པ་ནི་སེམས་ཅན་ལ་ཟེར་ཞིང་དེའི་རྒྱུད་དང་འབྲེལ་བའི་སྒྲ་ཡིན་པས། སེམས་ཅན་དུ་སྟོན་པའི་སྒྲ་ཞེས་བྱའོ། །ཡང་ན་སེམས་ཅན་དུ་སྟོན་པ་ཞེས་བྱ་བ་ནི། སེམས་ཅན་ཡིན་པར་གོ་བྱེད་ཀྱི་སྒྲ་ཡིན་པས་དེ་སྐད་ཅེས་བྱ་སྟེ། དཔེར་ན་རྨ་བྱའི་སྒྲ་ཐོས་པ་ན་དེ་ནི་རྨ་བྱའི་སྒྲའོ་ཞེས་རྨ་བྱ་གོ་བའམ་སྟོན་པར་བྱེད་པ་བཞིན་ནོ། །དཔལ་ལྡན་ཟླ་བས་མཛད་པར་གྲགས་པའི་ཕུང་པོ་ལྔའི་རབ་བྱེད་ལ་གཞི་བྱས་ཏེ་བཀོད།