11696

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་དཔའ་སུམ་བརྩེགས
Tibetan Definition རང་ཉིད་ཡི་དམ་གྱི་ལྷར་གསལ་བཏབ་པའི་ཡི་དམ་གྱི་ལྷ་དེ་ལ་དམ་ཚིག་སེམས་དཔའ། དེའི་ཐུགས་ཀར་གསལ་བཏབ་པའི་ཡི་དམ་གྱི་ལྷ་དེ་ལ་ཡེ་ཤེས་སེམས་དཔའ། ཡེ་ཤེས་སེམས་དཔའི་ཐུགས་ཀར་གསལ་བཏབ་པའི་ཧཱུྃ་ཡིག་ལ་སོགས་པའི་ཡིག་འབྲུ་དེ་རྣམས་ལ་ཏིང་ངེ་འཛིན་སེམས་དཔའ་ཞེས་བྱའོ། །རྗེའི་རིམ་ལྔ་གསལ་སྒྲོན་ལས། རིམ་ལྔ་སེམས་དཔའ་སུམ་བརྩེགས་ལས། རང་དམ་ཚིག་སེམས་དཔར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཐེ་བོང་ཙམ་ཞིག་དང༌། དེའི་ཐུགས་ཀར་རྡོ་རྗེ་ཡུངས་འབྲུ་ཙམ་གྱི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ཧཱུྂ་མཐིང་ནག་སྤུས་བྲིས་པ་ཙམ་ཞིག་བསྒོམས་ནས། ཞེས་གསུངས་པ་ལྟར་རོ། །ཡང་ན་བླ་མ་ཐུབ་པའི་དབང་པོ་དམ་ཚིག་སེམས་དཔའ། དེའི་ཐུགས་ཀའི་རྒྱལ་བ་རྡོ་རྗེ་འཆང་ཡེ་ཤེས་སེམས་དཔའ། རྡོ་རྗེ་འཆང་གི་ཐུགས་ཀའི་ཧཱུྃ་ཡིག་སྔོན་པོ་ཏིང་ངེ་འཛིན་སེམས་དཔའ་བཅས་གསུམ་མོ། །དེ་ཡང་ལུས་རགས་པ་མཚོན་པའི་དམ་ཚིག་སེམས་དཔའ། ཕྲ་བ་གཉུག་མའི་ལུས་མཚོན་པའི་ཡེ་ཤེས་སེམས་དཔའ། གཉུག་མའི་སེམས་མཚོན་པའི་ཏིང་ངེ་འཛིན་སེམས་དཔའ་བཅས་སོ། །