11700

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་དབེན
Tibetan Definition ནང་གི་རྐྱེན་རྡོར་བཟླས་དང་བསམ་གཏན་གཉིས་ཀྱི་སྡུད་རིམ་དང༌། ཕྱིའི་རྐྱེན་ཕྱག་རྒྱའི་སྲོག་རྩོལ་ལ་བརྟེན་ནས་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་ཏེ་རླུང་རྣམས་སྙིང་གའི་མི་ཤིགས་པ་ལ་ཐིམ་པ་ལས་བྱུང་བའི་སྣང་བའི་ཡེ་ཤེས་སྐྱེས་པ་ནས་བཟུང་སྟེ། མ་དག་པའི་སྒྱུ་ལུས་མ་ཐོབ་པའི་སྐབས་ཀྱི་རྫོགས་རིམ་ནི། སེམས་དབེན་གྱི་རིམ་པའི་ངོ་བོའོ། །དབེན་གཞི་ནི། འཁོར་འདས་ཀྱི་རྩ་བར་གྱུར་པའི་སེམས་སོ། །དབེན་རྒྱུ་ནི། ཀུན་རྟོག་རླུང་དང་བཅས་པའོ། །དབེན་པའི་དོན་ནི སྒོམ་སྟོབས་ཀྱིས་ཀུན་རྟོག་རླུང་དང་བཅས་པ་སྙིང་གར་ཐིམ་པ་ནི་དབེན་པའི་དོན་ནོ། །