11707

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་པའི་ལས་དང་བསམ་པའི་ལས་ཀྱི་ཁྱད་པར
Tibetan Definition ལུས་ངག་གི་རྣམ་འགྱུར་མ་ཐོན་པའི་གནས་སྐབས་ཀྱི་ལས་ལ། སེམས་པའི་ལས་དང་། ལུས་ངག་གི་རྣམ་འགྱུར་ཐོན་པའི་གནས་སྐབས་ཀྱི་ལས་ལ། བསམ་པའི་ལས་ཟེར་རོ། །མཛོད་ལས། སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་གསུངས། དེ་གཉིས་ཀྱི་ཁྱད་པར་ཞིབ་ཏུ་བཤད་ན། དགེ་མི་དགེ་གང་ཡིན་ཀྱང་རུང་དང་པོར་འདི་དང་འདི་བྱའོ་ཞེས་ཐོག་མར་ཡིད་ཁོ་ན་ལ་སེམས་ཤིང་ལུས་ངག་གི་གནས་སྐབས་སུ་མ་ཐོན་པའི་སེམས་བྱུང་སེམས་པ་དེ་ལ། ཡིད་ཀྱི་ལས་ཞེས་བྱའོ། །ཡིད་ཀྱི་ལས་དེས་ཀུན་ནས་བསླངས་ཏེ་ལུས་ངག་གི་གནས་སྐབས་སུ་ཐོན་པའི་སེམས་བྱུང་སེམས་པ་དེ་ལ། བསམ་པའི་ལས་ཞེས་ཟེར་རོ། །སེམས་པའི་ལས་དང་། ཡིད་ལས་གཉིས་དོན་གཅིག བསམ་པའི་ལས་དང་ལུས་ངག་གི་ལས་གཉིས་དོན་གཅིག་གོ །ལུས་ངག་གི་ལས་ཞེས་པ་ཡང་ལུས་ངག་གི་རིག་བྱེད་མཉམ་དུ་འཇུག་པའི་སེམས་བྱུང་སེམས་པ་ལ་ཟེར་གྱི། ལུས་ངག་གི་བྱ་བའམ་རིག་བྱེད་ལ་གོ་བར་མི་བྱའོ། །རྗེའི་ལམ་རིམ་ཆེན་མོ་ལས། སེམས་པའི་ལས་ནི་རང་དང་མཚུངས་པར་ལྡན་པའི་སེམས་ཡུལ་རྣམས་ལ་གཡོ་ཞིང་སྐུལ་བར་བྱེད་པའི་སེམས་བྱུང་ཡིད་ཀྱི་ལས་སོ། །བསམ་པ་ནི། སེམས་པ་དེས་ཀུན་ནས་བསླང་བའི་ལུས་ངག་གི་ལས་ཏེ། དེ་ལ་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་སུ་བྱས་ནས་གཟུགས་ཅན་ཁོ་ནར་བྱེ་བྲག་ཏུ་སྨྲ་བ་འདོད་པ་ལ། སློབ་དཔོན་དབྱིག་གཉེན་གྱིས་བཀག་ནས། ལུས་ངག་གི་རིག་བྱེད་དང་མཉམ་དུ་འཇུག་པའི་སེམས་པ་ལ་བཞེད་པས། ལས་གཉིས་ཀ་སེམས་པར་བཤད་དོ། །ཞེས་གསུངས་སོ། །