11713

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་བྱུང
Tibetan Definition ཡུལ་གྱི་ཁྱད་པར་གཙོ་བོར་མཐོང་བའི་བློ། དཔེར་ན་འདི་ནི་གསེར་གྱི་བུམ་པའོ། །འདི་ནི་དངུལ་གྱི་བུམ་པའོ། །འདི་ནི་ཆེ་བའོ་འདི་ནི་ཆུང་བའོ་སོགས་ཀྱི་ཁྱད་པར་གཙོ་བོར་མཐོང་བའི་བློའོ། །སྒྲ་བཤད་ནི། སེམས་ལས་འཕྲལ་འཕྲལ་དུ་སྐྱེས་པའི་ཕྱིར་སེམས་ལས་བྱུང་བ་སྟེ། མདོ་ལས། འདུ་ཤེས་དང་སེམས་པའི་ཆོས་འདི་རྣམས་ནི་སེམས་ལས་བྱུང་བ་སེམས་ལ་བརྟེན་པའོ་ཞེས་གསུངས་པའི་ཕྱིར་རོ། །འདི་ལ་རང་རང་གི་རིགས་འདྲ་སྔ་མ་ལས་ཕྱི་མ་འབྱུང་བའི་རྒྱུན་མེད་ཅེས་འོད་ཟེར་འདོད་དོ། །ཞེས་མཆིམས་མཛོད་ལས་གསུངས་པ་ལྟར་རོ། །གཞན་ཡང་། སེམས་ལ་རག་ལས་ཤིང་སེམས་ལས་སྐྱེས་པའམ། སེམས་ལས་ཐོན་ཅིང་སེམས་ལ་བརྟེན་ནས་བྱུང་བས་སམ། ཡང་ན་ཆུ་བོའི་རླབས་ཆུ་བོའི་རྣམ་འགྱུར་ཡིན་པ་བཞིན་དུ་སེམས་ཀྱི་རྣམ་འགྱུར་ཡིན་པས་ན་སེམས་བྱུང་ཞེས་བྱ། ཞེས་ཤེས་བྱ་མཛོད་འགྲེལ་ན་གསལ། སེམས་བྱུང་ནི་དུང་གི་སྒྲ་དང་མེ་ལྕེ་དུ་འཕྲལ་འཕྲལ་དུ་འབྱུང་བས་རིགས་འདྲ་ལས་འབྱུང་བའང་མི་དགོས་པར་གསུང་ངོ་། །