11714

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་བློང་བློང་པོ
Tibetan Definition 1 རིག་པ་གསལ་སྣང་མེད་པའམ་མི་གསལ་བའི་དོན་དུ་མཚོ་ཊཱིཀ་གསུང༌། མཚན་གཞི་ནི། རྨུགས་པ་ལྟ་བུ། དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ་༩༤༩ལས། དགེ་བའི་ལྷས་རྨུགས་པ་ནི་སེམས་བློང་བ་སྟེ་ཞེས་སྣང་ཡང་སེམས་བློང་བློང་པོ་ནི་རྒོད་པ་ཡིན་གྱི་རྨུགས་པ་མ་ཡིན་ནོ། །ཞེས་གསུངས་ཀྱང༌། དགེ་བ་ལྷས་རྨུགས་པ་སེམས་བློང་པོར་གསུངས་པ་འཐད་ལྡན་དུ་མཐོང་ཞིང༌། དཔའ་བོ་གཙུག་ལག་ཕྲེང་བས་སེམས་བློང་བློང་པོ་རྒོད་པར་གསུངས་པ་ནི་འཐད་པར་མ་མཐོང༌།