11737

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེར
Tibetan Definition 1 བརླན་གཤེར་རམ་བཞའ་ཚན་གྱི་མིང་། དཔེར་ན་སྒོམ་རིམ་བར་པ་རྗེའི་ལམ་རིམ་དུ་དྲངས་པ་ལས། བྱམས་པའི་ཆུས་སེམས་ཀྱི་རྒྱུད་བརླན་ཏེ་སེར་ཡོད་པའི་ས་བཞིན་དུ་བྱས་ལ་སྙིང་རྗེའི་ས་བོན་བཏབ་ན་བདེ་བླག་ཏུ་ཤིན་ཏུ་ཡོངས་སུ་རྒྱས་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །སེར་དང་སེར་བ་གཉིས་ལ་འབྲེལ་བ་ཞིག་ཡོད་པར་སེམས་ཏེ། སེར་ནི་བཞའ་ཚན་ནམ་བརླན་གཤེར་དང་དེ་ཉིད་འཁྱགས་ནས་གོང་བུར་གྱུར་པ་ལ་སེར་བའམ་སེ་ར་ཞེས་ཟེར་རོ། །རྣམ་འབྱེད་འགྲེལ་༼ ཚུ་པ ༽༡༣༧བ༤ལས། སེར་ཆེ་བ་ཞེས་བྱ་བ་ནི་ཆུ་དང་བཅས་པའོ། །ཞེས་གསུངས།