11741

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེར་ཁྱིམ་པ
Tibetan Definition 1 ཁྱིམ་པ་རབ་བྱུང་གི་ཆ་བྱད་ཅན་གྱི་མིང་། ཁྱིམ་པ་སེར་གཟུགས་ཅན། ཁྱིམ་པ་གྲྭ་གཟུགས་ཅན། ཁྱིམ་པ་བཙུན་གཟུགས་ཅན། རབ་བྱུང་གི་རྟགས་འཆང་བའི་ཁྱིམ་པ། གྲྭ་ཆས་གྱོན་པའི་ཁྱིམ་པ། ཁྱིམ་བཙུན་རྣམས་དོན་འདྲ། འདི་གྲྭ་ཆས་གྱོན་པའི་གྲྭ་ལོག་ལའང་གོ། སེར་ཁྱིམ་པ་ནི་ཁྱིམ་བཙུན་ཞེས་པ་དང་ཡང་དོན་འདྲ་སྟེ། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དབྱིག་གཉེན་གྱི་རྣམ་ཐར་འཆད་པའི་སྐབས་ལས། ཁྱིམ་བཙུན་ཆོས་གོས་གྱོན་ཏེ་ཞིང་རྨོས་པ་གཟིགས་ནས། སྟོན་པའི་བསྟན་པ་ཉམས་སོ་ཞེས་ཐུགས་འབྱུང་ནས། དགེ་འདུན་གྱི་དབུས་སུ་ཆོས་བསྟན་ཏེ། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་མགོ་ཞབས་བཟློག་པ་ལན་གསུམ་ཟློས་པས་དེ་ཉིད་དུ་སྐུ་འདས་ཏེ། རེ་ཞིག་ཆོས་ཀྱི་ཉི་མ་ནུབ་བོ་ཞེས་གྲགས་སོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། སེར་ནི་སེར་མོ་བ་སྟེ་རབ་བྱུང་གི་མིང་ཡིན་པས་ཁྱིམ་པའི་རབ་བྱུང་ཞེས་པ་ལྟ་བུའི་དོན་ནོ། །