11747

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེར་མིག་ཅན
Tibetan Definition མིག་སེར་ཅན་ཏེ། སྲིན་བྱ་འུག་པའི་མིང་། མངོན་བརྗོད་དུ། སྲིན་བྱ་ལ་སེར་སྐྱའི་ལྟ་བྱེད་ཅེས་ཀྱང་ཟེར་བའི་སེར་མིག་ཅན་ཞེས་སྲིན་བྱའི་མིང་དུ་ངེས་སོ། །རྗེའི་རྣམ་ཐར་ཆེན་མོ་ལས། ལྷག་པར་ཕྱོགས་འཛིན་སེར་མིག་ཅན། །འགའ་ཞིག་ནག་པོའི་ཀུན་སློང་གིས། །སྒྲོ་སྐུར་སྣ་ཚོགས་སྨྱོན་པ་ཡི། །མུ་ཅོར་ཇི་བཞིན་སྨྲ་བ་ལ། །ལེགས་ཉེས་འབྱེད་པའི་མཐུ་དམན་པའི། །རྨོངས་པ་དག་ཀྱང་རྗེས་འཇུག་སྟེ། །མི་བཟད་འཇིགས་རུང་ངན་འགྲོའི་སྒོར། །ཁྱུ་འདེད་ཚུལ་གྱིས་འཇུག་རྣམས་ལ། །མ་བཟོད་ལྷག་པའི་བསམ་པ་ཡིས། །དྲངས་པའི་རྟོགས་བརྗོད་ཟླ་བའི་བཞིན། །ངོ་མཚར་རི་མོ་འཛུམ་པའི་མདངས། །ཀུན་ལ་གསལ་པོར་ངོམས་བྱེད་ན། །ཞེས་གསུངས་པ་ལྟ་བུ། སྒྲ་བཤད་ནི། འདིའི་མིག་སེར་པོ་ཡིན་པས་མིག་སེར་ཅན་ནམ་སེར་མིག་ཅན་ཟེར་བ་ཡིན་འདུག ཞིབ་པར་སྲིན་བྱ་ལ་གཟིགས།