11751

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེར་ཡོད་པའི་ས
Tibetan Definition སྐམ་རློན་རན་པའི་སའི་མིང་། གསེར་ཞེས་གས་འཕུལ་ཡོད་པ་ནི་ནོར་བར་གསུངས་སོ། །རྗེའི་ལམ་རིམ་ལས། སྒོམ་རིམ་བར་པ་ལས། བྱམས་པའི་ཆུས་སེམས་ཀྱི་རྒྱུད་བརླན་ཏེ་སེར་ཡོད་པའི་ས་བཞིན་དུ་བྱས་ལ་སྙིང་རྗེའི་ས་བོན་བཏབ་ན་བདེ་བླག་ཏུ་ཤིན་ཏུ་ཡོངས་སུ་རྒྱས་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །