11752

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེར་སྐྱ
Tibetan Definition <ཀཔིལ> 1 སེར་པོ་དང་དཀར་པོ་འདྲེས་པའི་ཁ་དོག་གི་མིང༌། 2 རབ་བྱུང་དང་ཁྱིམ་པའི་བསྡུས་མིང༌། དེ་ཡང་སེར་ནི་སེར་མོ་བ་སྟེ་རབ་བྱུང་དང༌། སྐྱ་ནི་སྐྱ་བོ་སྟེ་མི་ནག་གི་མིང༌། སེར་སྐྱ་མི་དམངས་ཞེས་པ་ལྟ་བུ། 3 སེར་སྐྱའི་ཡུལ་སྟེ། སངས་རྒྱས་སྐུ་འཁྲུངས་པའི་ཡུལ་ཟས་གཙང་གི་རྒྱལ་པོའི་ཁབ་ན་ཡོད་པར་བཤད། གྲོང་ཁྱེར་སེར་སྐྱ་ནི་གནས་བཅས་དང་དོན་གཅིག གནས་བཅས་ནི་གྲོང་ཁྱེར་ཆེན་པོ་དྲུག་གི་ཡ་གྱལ་ཤཱ་ཀེ་ཏ་ (Saketa) ཟེར་བ་དེའོ། །འོ་ན་སངས་རྒྱས་འཁྲུངས་པའི་གནས་ལུམྦི་ནི་མ་ཡིན་ནམ། སེར་སྐྱ་ཡིན་པ་ཇི་ལྟར་འཐད་ཅེ་ན། སེར་སྐྱ་ནི་དེའི་རྒྱ་རྒྱུད་ཀྱི་ཡུལ་སྤྱིའི་མིང་ཡིན་ལ། ལུམྦི་ནི་ཞེས་པ་ནི་ཡུལ་དེའི་གནས་བྱེ་བྲག་པའམ་ཆ་ཤས་ཤིག་གི་མིང་ཡིན་ཏེ། དགེ་འདུན་ཆོས་འཕེལ་གྱི་གནས་ཡིག་ལས། ལུམྦི་ནིའི་ནུབ་ཕྱོགས་མེ་ལི་ལྔ་དྲུག་ཙམ་ན་ (ཀཔིལ་བསྟུ) སེར་སྐྱའི་གྲོང་ཁྱེར་གྱི་ཤུལ་ཡོད་ཅིང་དེང་སང་གི་མིང་ལ་ཏི་ལོ་ར་ཀོ་ཊི་ཟེར། ཞེས་འབྱུང་བ་ལྟར་རོ། །ཀློང་རྡོལ་བླ་མའི་གསུང་འབུམ་སྨད་ཆ་༢༨༣ལས། རྒྱ་གར་ཡུལ་དུ་གྲོང་ཁྱེར་ཆེན་པོ་དྲུག་གི་ཡ་གྱལ་གནས་བཅས་ཞེས་པ་གྲོང་ཁྱེར་སེར་སྐྱར་ཡབ་རྒྱལ་པོ་ཟས་གཙང་མ་དང༌། ཡུམ་སྒྱུ་མ་ལྷ་མཛེས་གཉིས་ཀྱི་སྲས་སུ་འཁྲུངས་པ། བསྐལ་བཟང་སངས་རྒྱས་སྟོང་གི་བཞི་པ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་རྒྱལ་པོ། ཞེས་གསུངས་པ་ལྟར་རོ། །4 ཉི་མའི་མིང་ཡིན་པར་ཡང༌། སཾ་བོད་སྐད་གཉིས་ཤན་སྦྱར་ན་གསལ། 5 ཕྱི་རོལ་པའི་དྲང་སྲོང་ཞིག་གི་མིང༌། དྲང་སྲོང་སེར་སྐྱ་ཞེས་པ་ལྟ་བུ།