11778

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་མ་རཱ་ཛ
Tibetan Definition (ལེགས་སྦྱར) 1 ཟླ་བའི་རྒྱལ་པོ་ཞེས་བྱ་བ་ཤིང་སྨན་གྱི་རིགས་ཤིག རོ་ཚ་ཞིང་ཁ། ཞུ་རྗེས་སྙོམས། ནུས་པས་སྲིན་ནད་དང་། པགས་ནད། ཆུ་སེར་གྱི་ནད་སེལ། མིང་གི་རྣམ་གྲངས་ལ་འདབ་བཟང་དང་། བཱ་གུ་ཛཱི། འབྲས་ནག་པོ། མཛེ་འཇོམས། ཟླ་བའི་ལྕུག་མ། ཟླ་བའི་རི་མོ། ཟླ་ཚེས་ཀྱི་རྡུལ། ལུག་ནག སུ་རི་ཕ་ལཱི། སོ་མ་བལླི་ཀ་བཅས་སོ། །བོད་རྒྱ་ཚིག་མཛོད་ཆེན་མོ་སོར་བཞག་ལ་ཡིག་འབྲུ་འགའ་ཞིག་བཅོས་འགྱུར་བྱས་སོ། །སོ་མ་རཱ་ཛའི་མིང་གི་རྣམ་གྲངས་གཟིགས་འདོད་ན། སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོའི་འགྲེལ་པ་ཞེས་བྱ་བ། བསྟན་འགྱུར་གསོ་རིག་༼ ཧེ་པ ༽༢༦བ་༦ན་གསལ་ལོ། །2 སྨན་གཞུང་ཟླ་བའི་རྒྱལ་པོ། དེ་ནི་འཕགས་པ་འཇམ་དཔལ་གྱིས་རི་བོ་རྩེ་ལྔར་གསུངས་ནས་སླར་རྒྱ་གར་དུ་དར་ཞེས་གཡའ་སེལ་ལས་གསུངས། གཡུ་ཐོག་རྣམ་ཐར་དུ་ཀླུ་སྒྲུབ་ཀྱིས་མཛད་པར་བཤད། ཅེས་སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས་བཤད་དོ། །