11784

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་ཚིས
Tibetan Definition འཚོ་ཐབས་ཀྱི་མིང་ལ་བཤད། འོན་ཀྱང་སོ་ཚིས་ཞེས་པའི་སོ་ནི་སོ་ནམ་ཞེས་པའི་ཚིག་བསྡུས་པ་ཡིན་ལ། ཚིས་ནི་ཚིགས་སམ་ཡང་ན་འདིར་སྡེ་ཚན་གྱི་མིང་ཡིན་པར་སྙམ། མདོར་ན་སོ་ཚིས་ནི་སོ་ནམ་གྱི་བྱ་བའི་ལས་ཚན་ནམ་ལས་རིགས་ཞེས་བྱ་བ་སྟེ། འཚོ་ཐབས་སྤྱིའི་མིང་དུ་ཆགས། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་༥༤༥ལས། རྒྱལ་སྲས་རིན་པོ་ཆེས། ཕྱི་མའི་སོ་ཚིས་གྲོག་སྐམ་ཉ་རྒྱ་འདྲ། །བསམ་པ་ཐོག་ཏུ་མ་ཁེལ་འདོད་འདུན་སྐྱུངས། །ཅིས་ཀྱང་དྲན་ན་འབྱོར་རྒུད་འདུ་འབྲལ་སོམས། །ལྟོས་ཐུབ་ཆོས་ལས་འདུག་གེ་མ་ཎི་བ། །ཞེས་གསུངས་པ་བཞིན་ཕྱི་ཚིས་ཀྱིས་ཟས་ནོར་བསགས་ཀྱང་སྦྲང་མའི་སྦྲང་རྩི་དང་འདྲ་བར་མངོན་སུམ་དུ་མཐོང་ཞིང་གྲུབ་ཀྱང་། ཞེས་སོགས་གསུངས།