From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སོ་ཤིང
|
Tibetan Definition
|
(འདུལ་བ) 1 རོ་ཅུང་ཟད་ཁ་ཞིང་ཕྲ་སྦོམ་མཛུབ་མོ་ཙམ་པ། རིང་ཚད་མཐོ་གང་ཙམ་པའི་སོ་འཁྲུད་བྱེད་ཀྱི་ཤིང་བུ་ཞིག ཞེ་ས་བྱས་ན་ཚེམས་ཤིང་ཟེར། འདི་ནི་རྒྱ་གར་གྱི་སྲོལ་རྒྱུན་དུ་ཤིང་ནིམྦ་པའི་ལྕུག་མ་ལས་བཟོ་བར་བྱེད། རྒྱ་གར་ཡུལ་སྐད་དུ་ཤིང་འདི་ལ་ནཱིམ་ཟེར། ཤིང་ནིམྦ་པའི་སྐོར་གོང་དུ་“ནིམྦ”ཞེས་པའི་ཐད་དུ་གཟིགས། དེང་སང་ཡང་རྒྱ་གར་གྱི་གྲོང་གསེབ་དང་གྲོང་ཁྱེར་འགར་བེད་སྤྱོད་བྱེད་པར་མཐོང་་། 2 (སྔགས) དབང་བསྐུར་སྐབས་དངོས་གྲུབ་གང་འགྲུབ་རྟོག་བྱེད་ཀྱི་ཤིང་བུ་སོར་བཅུ་གཉིས་པ་ཞིག་སྟེ། རྒྱུ་ནི་འབྱོར་ན་ཤིང་ཨ་ཤྭ་ཐ་དང་། མ་འབྱོར་ཡང་ཤིང་འོ་མ་ཅན་སྦོམ་ཕྲ་རན་པ། དྲང་ཞིང་སྲོག་ཆགས་མེད་པ། མ་གས་པ་མགོ་མཇུག་མཉམ་པ་དྲི་བཟང་གི་ཆུས་བཀྲུས་པ། བདུག་པས་བདུགས་པ། སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་བཅིངས་པའི་ཤིང་བུའོ། །རྗེའི་སྔགས་རིམ་ཆེན་མོར་གཞི་བྱས་ཏེ་བཀོད།
|