1179

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞུང་ཕྱི་མོའི་དབུ་མ་པ
Tibetan Definition མགོན་པོ་ཀླུ་སྒྲུབ་དང༌། སློབ་དཔོན་ཨརྱ་དེ་ཝ་གཉིས་ལ་ཟེར། རྒྱུ་མཚན་ནི། ཡབ་སྲས་གཉིས་ཀྱི་དགོངས་པ་མཐར་ཐུག་ཐལ་འགྱུར་བའི་ལུགས་སུ་གནས་ཀྱང་གཞུང་གི་བསྟན་ཚོད་ལ། ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་མི་བཞེས་དང༌། ཕྱི་དོན་ཞལ་གྱིས་བཞེས་མི་བཞེས་དང༌། གཞན་གྲགས་ཙམ་གྱི་སྒོ་ནས་ཕྱི་རྒོལ་ལ་རྗེས་དཔག་སྐྱེད་དུ་རུང་མི་རུང་སོགས་ཀྱི་རྣམ་གཞག་གསལ་བར་ཕྱེ་བ་མེད་པས་ཐལ་རང་གི་ཕྱོགས་གཉིས་ཀའི་སྤྱི་ལ་བཞུགས་པས་ཕྱི་མ་ཞེས་ཟེར་རོ། །ཕྱི་མོ་ནི། ཁུངས་དང་རྩ་བ་དང་གཞི་མ་བཅས་ཀྱི་དོན་ཡིན།