11797

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་སོ་ནས་སྤགས་པ་སློང་བའི་ལྟུང་བྱེད
Tibetan Definition (འདུལ་བ) སྤང་ལྟུང་སུམ་ཅུའི་བརྒྱད་པ། སོ་སོ་ནས་སྤགས་པ་སློང་བའི་སྤང་པའི་ངོ་ཏི་ནི། བཅས་ལྡན་དགེ་སློང་ལ་ཁྱིམ་པ་ཕོ་མོ་གཉིས་ཀྱིས་གོས་རེ་རེ་སོ་སོ་ནས་སྦྱིན་པར་བསམས་པས་སྤགས་པ་ལ་དེ་ལས་ལྷག་པའི་གོས་བསླངས་ཏེ་ལྷག་པ་དེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་ཉེ་དགའ་ལ་ཁྱིམ་བདག་གིས་གོས་འབུལ་བར་བསམས་པས་སྤགས་པ་ལས་གང་བྱིན་པ་དེས་མི་མགུ་པར་ལྷག་པ་བསླངས་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་པའོ། །དགག་བྱ་ནི་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེས་པའོ། །སྤགས་པའི་སྒྲ་བཤད་གོང་དུ་སྤགས་པ་སློང་བའི་སྤང་པའི་སྐབས་སུ་བཤད་ཟིན་ཏོ། །གོ་བདེ་བར་བཤད་ན། ཁྱིམ་པ་ཕོ་མོ་གཉིས་སོ་སོ་ནས་དགེ་སློང་ལ་གོས་རེ་རེ་བསྔོས་པ་དགེ་སློང་གིས་དེ་ལས་ལྷག་པ་བསླངས་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །