11798

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་སོ་ཡང་དག་རིག་པ་བཞི
Tibetan Definition བྱང་ཆུབ་སེམས་དཔའི་ཆོས་སྣ་ཚོགས་ཐ་དད་པའི་མཚན་ཉིད་མ་ནོར་བར་ཤེས་པའི་ཕྱོགས་བཞི་སྟེ། ཆོས་སོ་སོ་ཡང་དག་རིག་པ། དོན་སོ་སོ་ཡང་དག་རིག་པ། ངེས་པའི་ཚིག་སོ་སོ་ཡང་དག་རིག་པ། སྤོབས་པ་སོ་སོ་ཡང་དག་རིག་པ་དང་བཞིའོ། །དེ་དག་སོ་སོའི་དོན་ནི། ཤེས་བྱ་མཛོད་འགྲེལ་གླེགས་བམ་བར་ཆ་༢༠༦ལས། གདགས་པའི་མདོ་ལས། མིང་ཚིག་ཡི་གེ་ལ་མཁས་པས་ཆོས། དེའི་དོན་དུ་མཁས་པས་དོན། ཚིག་བླ་དྭགས་ལ་མཁས་པས་ངེས་པའི་ཚིག དེ་དག་ལ་ཐོགས་པ་མེད་པར་བྱང་ཆུབ་པས་སྤོབས་པ་སོ་སོ་ཡང་དག་པར་རིག་པ་འཐོབ་པར་འགྱུར་བ་སོགས་གསུངས་ཤིང་། མཛོད་འགྲེལ་ལས་ཀྱང་དེ་དག་དང་མཐུན་པར་བཤད་དོ། །ཞེས་གསུངས།