11801

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་སོ་སྐྱེ་བོ
Tibetan Definition ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་གནས་སོ་སོར་འགྲོ་ཞིང་ཟག་པ་མེད་པའི་ལམ་མ་ཐོབ་པའི་གང་ཟག སྒྲ་བཤད་ནི། ལས་ཉོན་གྱིས་དབང་གིས་སྐྱེ་གནས་སོ་སོར་སྐྱེ་འཆི་བྱེད་པས་དེ་ལྟར་དུ་བརྗོད་པའམ། ཡང་ན་སོ་སོ་ནི་ཐ་དད་པ་སྟེ་མི་འདྲ་བའི་དོན་ཡིན་པས་འཕགས་པ་དང་མི་འདྲ་བའི་སྐྱེ་བོ་ཡིན་པས་དེ་སྐད་ཅེས་བྱའོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ཉོན་མོངས་པའི་འཆིང་བས་བཅིངས་པ་དག་ནི་འཕགས་པ་དག་ལས་ཐ་དད་པར་གྱུར་པའི་ཕྱིར་སོ་སོའི་སྐྱེ་བོ་དག་གོ། ཞེས་གསུངས་པ་ལྟར་རོ། །