11806

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་སོར་ཐར་པའི་སྡོམ་པ
Tibetan Definition <པྲ་ཏི་མོཀྵ> (འདུལ་བ) ངེས་འབྱུང་གི་བསམ་པའི་ཀུན་ནས་བསླངས་ཏེ། བླ་མའི་སྤྱན་སྔར་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པར་ཁས་བླངས་ཤིང་དམ་བཅས་པའི་ཚུལ་ཁྲིམས་སོ། །སྒྲ་བཤད་ནི། སྐད་དོད་ཀྱི་སྟེང་ནས་གཉིས་ལས། དང་པོ་ནི། ཚུལ་ཁྲིམས་བསྲུང་བའི་གང་ཟག་སོ་སོ་ངན་འགྲོ་དང་འཁོར་བ་ལས་ཐར་བར་འགྱུར་གྱི། གཞན་གྱིས་ཚུལ་ཁྲིམས་བསྲུངས་པས་གཞན་ཐར་པར་མི་འགྱུར་བས་སོ་སོར་ཐར་པ་དང་། ལུས་ངག་ཡང་དག་པར་སྡོམ་པས་སྡོམ་པ་ཞེས་བྱའོ། །ཡང་ན། སྡོམ་མིན་ལས་དང་པོ་སྟེ་ཐོག་མར་ཐར་པས་དེ་སྐད་ཅེས་བྱའོ། །བྱེ་བྲག་ཏུ་སྨྲ་བས་དེ་བསྟན་མེད་ཐོགས་མེད་ཀྱི་གཟུགས་ཅན་དུ་འདོད་དེ། སྡོམ་མིན་གྱི་ལུས་ཀྱི་རྡུལ་ཕྲ་རབ་རྣམས་ཀྱི་བར་ན་ནགས་ལ་མེ་ལྕེ་ཞུགས་པ་ལྟར་གནས་པར་འདོད། མདོ་སྡེ་པ་དང་དབུ་མ་རང་རྒྱུད་པ་རྣམས་ཀྱིས་སྤོང་བའི་སེམས་པ་ལ་འདོད་ལ། སེམས་ཙམ་པས་ནི་སེམས་ཡོད་ཀྱི་གནས་སྐབས་སུ་སྤོང་བའི་སེམས་པ་རྒྱུན་ཆགས་པ་དང་། སེམས་མེད་ཀྱི་གནས་སྐབས་སུ་དེའི་ས་བོན་ལ་འདོད། དབུ་མ་ཐལ་འགྱུར་བས་ནི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སུ་འདོད་དོ། །མཚོ་ཊཱིཀ་སོགས་བོད་མཁས་པའི་གཞུང་རྣམས་དང་། རྒྱ་གར་མཁས་པའི་གཞུང་ (སོ་སོར་ཐར་པའི་མདོའི་གཞུང་འགྲེལ་སོགས) རྣམས་སུའང་དེ་ལྟར་གསལ་ལོ། །