11807

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་སོར་བརྟགས་མིན་གྱི་འགོག་པ
Tibetan Definition མངོན་པ་མཛོད་ཀྱི་ཐ་སྙད་ཅིག་སྟེ། གཉེན་པོའི་སྟོབས་ཀྱིས་སྤང་བྱ་སྤངས་པ་མིན་པར། རྐྱེན་མ་ཚང་བའི་དབང་གིས་རང་གི་དགག་བྱ་མ་འོངས་པ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པའི་འགོག་བདེན་བཏགས་པ་བ་ཞིག་ལ་ཟེར། དགག་བྱ་མ་འོངས་པ་སྐྱེ་བ་འགོག་པའི་བྱེད་པས་ཁྱད་པར་དུ་བྱས་པའོ། །མཛོད་རྩ་བ་ལས། སྐྱེ་ལ་གཏན་དུ་གེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པས། །ཞེས་གསུངས།