11808

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་སོར་བརྟགས་འགོག
Tibetan Definition མངོན་པ་མཛོད་ཀྱི་ཐ་སྙད་ཅིག་སྟེ། གཉེན་པོའི་སྟོབས་ཀྱིས་སྤང་བྱ་སྤངས་པའི་འགོག་བདེན་མཚན་ཉིད་པ་ལ་ཟེར། སྒྲ་བཤད་ནི། མཆིམས་མཛོད་༢༤ལས། སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ལ་ཤེས་རབ་ཀྱིས་སོ་སོར་བརྟགས་པས་འཐོབ་པར་བྱ་བས་འགོག་པ་ཡིན་པས་སོ་སོར་བརྟགས་པས་འགོག་པ་ཞེས་བྱ། ཞེས་གསུངས་པ་ལྟར་རོ། །མཛོད་རྩ་བ་ལས། སོ་སོར་བརྟགས་པས་འགོག་པ་གང༌། །བྲལ་བའོ་སོ་སོ་སོ་སོ་ཡིན། །ཞེས་སོ། །