From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སོ་སོར་བཤགས་པར་བྱ་བ
|
Tibetan Definition
|
(འདུལ་བ) ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང་རང་གི་ངོ་བོའི་ཆ་ནས་ཆོ་ག་བརྗོད་ཚུལ་སོར་བཤགས་ཀྱི་མིང་རིགས་བརྗོད་པས་ཚུལ་བཞིན་དུ་ཕྱིར་བཅོས་ན་འདག་ཏུ་རུང་བ་དེ། སོ་སོར་བཤགས་པར་བྱ་བའི་མཚན་ཉིད་དུ་མཚོ་ཊཱིཀ་གསུང་ངོ་། །སྒྲ་བཤད་ནི། མཐོལ་བ་དང་བཤགས་པ་སོ་སོར་བྱ་བ་ཡིན་པས་ན་དེ་སྐད་ཅེས་བྱའོ། །མཚོ་ཊཱིཀ་ལས། སོ་སོར་བཤགས་པར་བྱ་བའི་སྒྲ་བཤད་ནི། ལྟུང་བ་འདི་ལ་འཆབ་པ་མེད་ཀྱང་མཐོལ་བ་དང་བཤགས་པ་སོ་སོར་བྱ་བ་ཡིན་པས་ན་སོ་སོར་བཤགས་པར་བྱ་བ་ཞེས་བྱ་སྟེ། རྣམ་འབྱེད་ལས་ (མའི་རྣམ་འབྱེད་༼ ཏ ༽༣༡༤ན༧ལས་ཀྱང) སོ་སོར་བཤགས་པར་བྱ་བ་ནི་སོ་སོར་མཐོལ་བར་བྱའོ་ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་ན་མཐོལ་བ་ལ་བཤགས་པའི་མིང་གིས་བརྗོད་དགོས་པའི་ཕྱིར་ན་ཡང་སོ་སོར་བཤགས་པར་བྱ་བ་ཞེས་བྱ་སྟེ། ཀརྨ་ཤ་ཏཾ་དང་ཊཱི་ཀ་ལས་འདི་ནི་སྨྲེ་སྔགས་འདོན་པའི་རྣམ་པར་བརྗོད་པས་སོ་སོར་བཤགས་པར་བྱ་བ་ཉིད་དུ་གསུངས་པ་ཡིན་ནོ་ཞེས་སོ། །ཞེས་གསུངས། ཡང་སྒྲ་བཤད་ནི། ཉེས་པ་དེ་ཕྱིར་བཅོས་པ་ལ་དགེ་སློང་སོ་སོར་མཐོལ་བ་སྔོན་དུ་བཏང་ནས་བཤགས་དགོས་པས་ན་སོ་སོར་བཤགས་པ་ཞེས་བྱའོ། །ཞེས་ཀྱང་འབྱུང་ངོ་། །
|