11813

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོག་ཟློག་པ
Tibetan Definition མཐུ་སྟོབས་ཀྱི་ནུས་པས་བོད་ཁམས་ལ་འཚེ་བའི་མཐའ་དམག་སོག་པོའི་དཔུངབཟློག་པས་སོག་ཟློག་པ་ཞེས་པ་ཡིན་འདུག ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རང་རྣམ་སྨིག་རྒྱུའི་བདུད་རྩི་༣༢ལས། བློ་གྲོས་རྒྱལ་མཚན་ནི། མཁྱེན་རྟོགས་ཀྱི་རྩལ་རྫོགས་ཤིང་ནུས་པས་བོད་ཁམས་ལ་འཚེ་བའི་མཐའ་དམག་བཟློག་པས་སོག་ཟློག་པ་ཞེས་ཡོངས་སུ་གྲགས། སྔ་འགྱུར་རྙིང་མའི་ཆོས་རྒྱུན་ལའང་འཕྲིན་ལས་རྒྱ་ཆེར་མཛད། ཅེས་གསུངས། རྒྱལ་མཆོག་ལྔ་པ་ཆེན་པོས་ཁོང་ལ་ཟུར་ཟ་ཡང་མཛད་དེ། དུ་ཀཱུ་ལའི་གོས་བཟང་དེབ་དང་པོ་༢༥ལས། སོག་བཟློག་པའི་འོལ་ཚོད་ཀྱི་རྫུན་གཏམ་དང་། སྣང་རྩེ་བའི་གཏེར་བརྫུས་གཉིས་པོ་ཐབས་ཤེས་ཟུང་འབྲེལ་དུ་སྣང་ངོ་། །ཞེས་ཀྱང་གསུངས་སོ། །